fly Uchen

8
ཨ་་དམ་ས་་ལ་འར་ངས་ བབ་པ། Copyright © 2010 ISBN: 978-81-87859-82-6 Story by: Tsering Samdup Edited by: Sangye Tandar Naga Design & Layout by: Lobsang Gonpo Illustrations by: Tenzin Gawa Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: [email protected] www.sambhota.org

description

 

Transcript of fly Uchen

Page 1: fly Uchen

ཨ་ཁུ་དོམ་གྱིིས་བྱིིའུ་ལ་འཕུར་སྟངས་

བསླབ་པ།

Copyright © 2010

ISBN: 978-81-87859-82-6

Story by: Tsering Samdup Edited by: Sangye Tandar Naga

Design & Layout by: Lobsang Gonpo Illustrations by: Tenzin Gawa

Published by: Sambhota Tibetan Schools Society, Session Road, Dharamsala -176215

Distt: Kangra (H.P.), INDIA

Phone: 01892-228877 / 226877 Email: [email protected]

www.sambhota.org

Page 2: fly Uchen

 ༡   ༢  

༄༅། །སྔོན་མ་ཁང་

བྱིའུུ་ཆུུང་ཆུུང་ཡིད་དུུ་འངོ་བ་ཞིག་

ཡོད། འནོ་ཀྱང་ཁོ་འཕུར་སྟངས་ཤེས་ཀྱི་

མེད།

ཁོ་རང་གི་སྤུུན་མཆེད་ཚང་མ་འཕུར་སྟངས་ཤེས་ཀྱི་

ཡོད། ཁོ་རང་བྱ་ཚང་གི་ནང་ཉིན་གང་རྩེད་མོ་རྩེས་

ནས་སྡོད་ཀྱི་ཡོད།

Page 3: fly Uchen

 ༣ 

བྱིའུུ་ཆུུང་གི་ཨ་མས་

གལ་ཏེ་ཁྱེད་རང་མ་

འཕུར་བ་ཡིན་ན་སྦྲུུལ་

དང་ཝ་མོ་སོགས་

ཀྱིས་ཁྱེད་རང་ཟ་གི་རེད། ཅེས་བསླབ་བྱ་གནང་།

ཡིན་ནའང་བྱིའུུ་ཆུུང་གི་ཨ་མའི་ཞལ་ལ་ཉན་གྱི་མེད། ང་ཞེད་

སྣང་སྐྱེ་གི་འདུུག །གལ་ཏེ་ང་མར་ཟགས་པ་ཡིན་ན་ཞེས་བཤད་

དེ་བྱ་ཚང་གི་ནང་འཁོར་ནས་སྡོད་ཀྱི་ཡོད།

 ༤  

Page 4: fly Uchen

ཨ་མས་ཁྱེད་རང་ངེས་པར་

དུུ་འཕུར་རྒྱུུར་ཐབས་ཤེས་

གནང་དགོས། ཁྱེད་རང་ལ་

འཕུར་ནུུས་པའི་གཤོག་པ་

ཡོད་ལ་དུུས་ནམ་ཡང་མར་

ཟགས་ཀྱི་མ་རེད། ཅེས་སློབ་གསོ་བསྐྱོན་གྱི་ཡོད།

ཨ་མས་ཤིང་སྡོང་གི་སྟེང་ནས་

མར་འབུུད་རྒྱག་བཏང་སྐབས་

ཁོ་རང་གཤོག་པ་རྡེབ་རྡེབ་བྱས་

ནས་ས་ལ་སྡོད་ཀྱི་ཡོད།

 ༥   ༦  

Page 5: fly Uchen

ཨ་ཁུ་དོམ་གྱིས་བྱིའུུ་ཆུུང་གི་གནས་སྟངས་མཐོང་བ་ན། གྲོང་

གསེབ་ལ་ཕྱིན་ནས་ལྒང་ཕུག་འགའ་ཤས་ཉོས་ཡོང་བ་རེད།

ཁོས་ལྒང་ཕུག་རྣམས་དབྱུག་

པ་ཕྲ་བོ་ཞིག་ལ་བཏགས་

ནས་བྱིའུུ་ཆུུང་ལ་སྤྲད་པ་

རེད། ལྒང་ཕུག་རྣམས་སྙིང་

རྗེ་བོ་ཞེ་དྲག་ཡོད་པ་རེད།

 ༧   ༨  

Page 6: fly Uchen

བྱིའུུ་ཆུུང་ལྒང་ཕུག་ལ་དགའ་བོ་ཡོད། ཁོ་རང་གི་དབྱུག་པ་མཆུུ་

ཏོས་བཟུང་བ་རེད།

ལྒང་ཕུག་དལ་པོ་གནམ་ལ་

འཕུར་ཕྱིན་པ་དང་མཉམ་དུུ་བྱིའུུ་

ཆུུང་ཡང་ཡར་བཏེགས་ཕྱིན་པ་

རེད།

 ༩   ༡༠  

Page 7: fly Uchen

ཁོ་ཞེ་དྲག་ཞེད་སྣང་སྐྱེས་ནས་དབྱུག་པ་ཤོར་

ན་མར་ཟགས་རྐྱང་རེད་སྙམ་པ་རེད།

ཁོ་རང་གི་གཤོག་པ་བརྡབས་ཏེ་མར་བལྟ་

སྐབས། བར་སྣང་ནས་ཅ་དངོས་ཆ་ཚང་ཡིད་དུུ་འངོ་བ་མཐོང་

བ་ན། ཨོ་ངས་དེ་སོྔན་མ་འཕུར་བར་ནོར་འཁྲུུལ་ཤརོ་འདུུག་སྙམ་པ་

དང་། གལ་ཏེ་ངས་སོྔན་མ་ནས་འཕུར་ཡོད་ན།

 ༡༡   ༡༢  

Page 8: fly Uchen

བར་སྣང་ནས་ཡུུལ་ལྗོངས་སོགས་དངོས་པོ་ཡིད་དུུ་འངོ་བ་མང་

པོ་ཞིག་ལྟ་རྒྱུུའི་གོ་སྐབས་སྔོན་ལ་ཐོབ་ཡོད་པ་རེད་སྙམ།

ལྒང་ཕུག་རྣམས་རེ་རེ་བཞིན་བརྡོལ་ཕྱིན་པ་དང༌། མཐའ་མའི་

ལྒང་ཕུག་བརྡོལ་སྐབས་བྱིའུུ་ཆུུང་མར་ཟགས་མེད་པ་མ་ཟད་

མཐར་ཁོ་རང་འཕུར་སྟངས་ཤེས་ཐུུབ་པ་བྱུང་ཡོད།

 ༡༣   ༡༤